papir_foto
jan palach

Charles University Multimedia Project CS | EN | PL | FR | DE | IT | RU | BO

དྲྭ་རྒྱ་འདིའི་ནང་ཡཱན་པ་ལ་ཁ་(Jan Palach)ཡི་མི་ཚེའི་ལོ་རྒྱུས་རྣམས་གསལ་ཡོད། ཁོང་ནི་པ་རཱག་གི་(Prague)ནང་ཡོད་པའི་ཆར་ལི་སིའི་གཙུག་ལག་སློབ་ཁང་(Charles University)གི་རིག་གནས་སྡེ་ཚན་གྱི་སློབ་མ་ཞིག་ཡིན་པ་དང་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་པོའི་ཚེས་༡༦ཉིན་ཁོང་གིས་ཝན་སི་ལ་སི་བཞོ་མདོར་(Wenceslas Square)རུ་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། འདི་ལྟར་ཧང་སང་དགོས་པའི་དོན་རྐྱེན་འདིའི་འབྱུང་རྐྱེན་ནི་སྤྱི་ཟླ་བརྒྱད་པའི་ནང་དུ་ཅེག་སི་ལོ་ཝ་ཀི་ཡ་ལ(Czechoslovakia)བཙན་འཛུལ་བྱས་པར་བརྟེན་ཁོང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech Republic)རྣམས་སྨག་རུམ་གྱི་གཏི་མུག་འདི་ལས་ཡར་ལངས་བྱེད་ཆེད་རེད། ཡཱན་པ་ལ་ཁའི་ངོ་རྒོལ་དོན་རྐྱེན་འདིས་ཅེག་སྤྱི་མཐུན་རྒྱལ་ཁབ་དང་གཞན་ཡང་རྒྱལ་ཁབ་གཞན་པ་ཁག་ལ་དོན་སྙིང་ལྡན་པའི་གནོན་ཤུགས་ཆེན་པོ་ཐེབས་ཡོད། དུས་དེང་སང་ཡང་ཡཱན་པ་ལ་ཁའི་མིང་གྲགས་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་ཡོད། གོང་གསལ་གྱི་གནད་དོན་རྣམས་དྲྭ་རྒྱ་འདིའི་ནང་དུ་ཕྱོགས་ཡོངས་ནས་མཚོན་ཐབས་བྱས་ཡོད། འདིའི་ནང་དུ་ལོ་རྒྱུས་ཀྱི་ཡིག་ཆ་དང། དུས་རིམ་གྱི་འདྲ་པར། ཡིག་མཛོད་བཅས་གསལ། གཞན་ཡང་ཁྱེད་རང་གིས་ཡཱན་པ་ལ་ཁའི་མིའི་ཚེའི་ལོ་རྒྱུས་རྣམས་ལྟད་མོ་དང། གཟུགས་མཐོང་བརྙན་འཕྲིན། རྒྱང་སྲིང་རླུང་འཕྲིན་བཅས་ནང་ཤེས་རྟོགས་ཐུབ་ངེས།

སྤྱི་ལོ་༢༠༡༣ལོའི་ཟླ་བ་༡་པོའི་ཚེས་༢༧ཉིན། HBO བརྙན་འཕྲིན་རྒྱུད་ལམ་ཐོག་《འཚིག་བཞིན་པའི་ལྡུམ་བུ་ཞིག》 (The Burning Bush)ཞེས་པའི་གློག་བརྙན་གྱི་ལེའུ་དང་པོ་གཟིགས་འབུལ་ཞུས། དེ་ནི་པོ་ལི་ཤིའི་བརྙན་འཕྲིན་སློབ་སྟོན་པ་ཨག་ནེ་ཛཀ་ཧོ་ལེན་ཊ་ཞེས་པའི་བཟོ་སྐྲུན་གནང་བ་ཞིག་རེད།

དྲྭ་རྒྱ་འདི་བཞིན་ཕྱི་ལོ་༢༠༠༧ལོར་ཆར་ལི་སིའི་གཙུག་ལག་སློབ་གཉེར་ཁང་གི་རིག་གནས་སྡེ་ཚན་གྱི་སློབ་གཉེར་ཚོགས་པའི་ལས་འཆར་ཁྲོད་ནས་གསར་སྐྲུན་གནང་བ་ཞིག་རེད། དངོས་གནས་བྱས་ན་ང་ཚོས་ཡཱན་པ་ལ་ཁའི་མི་ཚེའི་ལོ་རྒྱུས་དང་འདས་པོ་གང་གི་ཁ་ཆེམས་རྣམས་ང་ཚོས་གང་ཤེས་མདོར་བསྡུས་སུ་བཀོད་ནས་པར་འགྲེམས་བྱ་རྒྱུ་ཡིན་མོད། འོན་ཀྱང་ང་ཚོའི་ཐོག་མའི་འཆར་གཞི་ལ་འགྱུར་བ་ཕྱིན་ནས་ད་ཆར་ཕྱོགས་གཅིག་ཏུ་བསྡེབས་པའི་ཡིག་ཚགས་མཐུག་པོ་འདི་གྲུབ་པ་རེད། “༦༩ལོའི་ཡཱན་པ་ལ་ཁ་” (Jan Palach ‘69)ཞེས་པའི་དཔེ་དེབ་འདི་བཞིན་ཕྱི་ལོ་༢༠༠༩ལོའི་ཟླ་བ་༡ པོའི་ནང་དུ་དཔར་སྐྲུན་བྱས།

ལས་འཆར་འདིའི་ཆ་ཤས་ལྟར་ཕྱི་ལོ་༢༠༠༩ལོའི་ཟླ་བ་༡་པོའི་ནང་ཉིན་གསུམ་གྱི་རིང་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང། པ་རཱག་ནང་གི་ཆར་ལི་སིའི་གཙུག་ལག་སློབ་ཁང་གི་ཆགས་ཡུལ་ཀཱ་རོ་ལི་ནུམ་(Karolinum)དང་གཞན་ཡང་སྦར་ཏིས་ལ་བ་(Bratislava)ནང་གི་སི་ལོ་ཝ་ཀའི་རྒྱལ་ཡོངས་འགྲེམ་སྟོན་ཁང་(Slovak National Museum)དུ་ཡང་འགྲེམ་སྟོན་བྱས་ཡོད། དྲྭ་རྒྱ་འདི་ནི་ལས་འཆར་འདིའི་ཆེས་མཐའ་མཇུག་གི་གྲུབ་འབྲས་ཞིག་ཡིན་པ་མ་ཟད། གཞན་ཡང་དྲྭ་རྒྱ་འདིའི་ནང་ཡཱན་པ་ལ་ཁའི་མི་ཚེའི་ལོ་རྒྱུས་ཀྱི་ཞོར་དུ་ཅེག་སི་ལོ་ཝ་ཀི་ནང་དང་དེ་བཞིན་འཛམ་གླིང་ཡུལ་གྲུ་གཞན་པ་ཁག་གི་ནང་ཆབ་སྲིད་ཀྱི་དཀའ་ངལ་འོག་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་པའི་མི་སྣ་དགུའི་ལོ་རྒྱུས་ཀྱང་གསལ་ཡོད། དེ་དག་ཁྲོད་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱ་ཡུལ་ནི་བྱང་མོ་རཱ་ཝན་(North Moravian)གྱི་འབྲིང་རིམ་སློབ་གྲྭའི་སློབ་མ་ཡཱན་ཛྷ་ཡི་ཙི་(Jan Zajíc)དང་ཝི་སོ་ཅི་ནའི་(Vysočina)ཚོང་ལས་མཉམ་འབྲེལ་སྡེ་ཚན་གྱི་འགོ་གཙོ་ཨེབ་ཞེན་པོ་ལོ་ཙེག་(Evžen Plocek)གཉིས་བྱུང་ཡོད། གཞན་ཡང་ང་ཚོས་Eastern Bloc ནང་དུ་ཆེས་ཐོག་མའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐད་ལ་ཡང་བསམ་གཞིག་དང་དོ་སྣང་བྱེད་བཞིན་ཡོད། ཕྱི་ལོ་༡༩༦༨ལོའི་ཟླ་བ་༩པའི་ནང་རས་ཛ་ཌ་སི་ཝི་ཁ་ཡིས་པོ་ལི་ཤིའི་(Polish)དམག་དཔུང་ཛ་ཁ་ལོས་ཝ་ཀི་ཡི་བཙན་འཛུལ་ཁྲོད་དུ་མཉམ་ཞུགས་བྱས་པ་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེར་བསྲེགས་བྱས།

ང་ཚོའི་ལས་འཆར་འདི་ལ་མེད་ཐབས་མེད་པའི་རོགས་སྐྱོར་གནང་མཁན་གྱི་ཚོགས་སྡེ་ཁག་མང་པོ་ཞིག་ཡོད་པ་ལས་གཙོ་བོ་བདེ་འཇག་སྲི་ཞུ་ཁང་དང། རྒྱལ་ཡོངས་གློག་བརྙན་བཟོ་སྐྲུན་ཁང་། རྒྱལ་ཡོངས་འགྲེམ་སྟོན་ཁང། ཅེག་རྒྱང་སྲིང་རླུང་འཕྲིན་ཁང། ཅེག་གཟུགས་མཐོང་བརྙན་འཕྲིན་ཁང། ལིབ་རི་པོར་ཧི་བི་ཏི་(Libri Prohibiti) ཝེ་ལེ་ཧ་རཱད་(Velehrad) བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། གཞན་ཡང་ང་ཚོར་ཡིག་ཆ་དང་བརྙན་པར་སོགས་མཁོ་འདོན་གནང་མཁན་ཁག་དང་ལྷག་པར་དུ་ཡི་རི་པ་ལ་ཁ་བཅས་ལ་ཐུགས་རྗེ་ཆེ་ཞུ། མ་ཟད་ང་ཚོའི་ལས་རོགས་ཇ་ཁོབ་ཇ་རིས་དང། ཇ་རོ་སི་ལ་པ་ཛོ་ཏྲི། ཝི་ཏོ་པོ་ཏྲེལ། ཐོ་མོ་སི་ལི་ཁ། ཌེན་རུ་ཛི་ཁ་བཅས་ཀྱིས་ལྷག་བསམ་ཟོལ་མེད་ཐོག་གཞོག་འདེགས་ཚད་མེད་གནང་བར་བཀའ་དྲིན་ཆེ་ཞུ། དེ་བཞིན་པི་ཏྲི་སི་མི་ཐ་ཡིས་ང་ཚོར་ལ་དྲྭ་རྒྱའི་ཐོབ་ཨང་གནང་བར་ཐུགས་རྗེ་ཆེ་ཞུ།

Petr Blažek, Patrik Eichler, Michal Ježek, Eva Nachmilnerová

>>>

Events

The 48th anniversary of self-immolation and death of Jan Palach

Events – Faculty of Arts Charles University in Prague >>>
16. 1. 2017 | 17:30 memorial ceremony
17. 1. 2017 | 18:00 Burning Bush (HBO) >>>
18. 1. 2017 | 18:30 panel discussion